ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱིན་ཇིས་ཡོ་རོབ་མནའ་འབྲེལ་དང་གང་མགྱོགས་སྒོས་ཚོང་དོན་གྲོས་མཐུན་འཇོག་རྒྱུའི་རེ་འབོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ལྔ་ཉིན། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་སི་ཡིས་བསྟན་དོན། རིམས་ནད་གསར་པ་ལས་བྱུང་བའི་ཤུགས་རྐྱེན་ལ་དམིགས་ཏེ། དབྱིན་ཇིས་ཡོ་རོབ་མནའ་འབྲེལ་དང་མགྱོགས་འཇོག་སྒོས་ཚོང་དོན་གྲོས་མཐུན་འཇོག་ཟེར།

ཉི་དེར་མ་སིས་པེར་ལིན་དུ་དབྱིན་ཇིའི“ཡོ་རོབ་མནའ་འབྲེལ་ནས་ཕྱིར་འབུད་བྱས་པའི”ལས་དོན་གྱི་འགན་འཁུར་མཁན། ཡོ་རོབ་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པ་ཉི་ཡེ་དང་མཇལ་འཕྲད་བྱས། མཱ་སིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགོད་པའི་མཉམ་འབྲེལ་ཚོགས་འདུའི་སྟེང་དུ་བཤད་རྒྱུར། པྲོག་དབྱིབས་ནད་དུག་གང་སར་མཆེད་ཀྱིན་པའི་དབང་གིས། ཡོ་རོབ་དང་དབྱིན་ཇིའི་བར་གྱི་ཉོ་ཚོང་གྲོས་མོལ་དེ་སྔར་ལས་དཀའ་ངལ་ཆེ་བར་གྱུར་པ་དང་། གྲོས་མཐུན་བྱུང་བའི་ཚད་སྔར་ལས་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། རྒྱུ་མཚན་ནི་གྲོས་མོལ་བྱེད་མཁན་རང་ཉིད་ལ་ནད་དུག་འགོས་ཉེན་ཡོད་པའི་རྐྱེན་གྱིས་ཡིན་ཟེར།

མཱ་སི་ཡིས་བཤད་རྒྱུར། རིམས་ནད་ཀྱི་གནས་ཚུལ་དང་དེའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་བཟོས་པར་དམིགས་ནས། དབྱིན་ཇིས་གྲོས་མཐུན་མེད་པར“ཡོ་རོབ་མནའ་འབྲེལ་ནས་ཕྱིར་འབུད་བྱས་པ”ནི་མི་དམངས་མང་ཚོགས་ལ་འགན་གཏན་ནས་མི་འཁུར་བའི་བསམ་སྦྱོར་ཞིག་ཡིན། འཇར་མན་གྱིས་གྲོས་མཐུན་གང་མགྱོགས་ངང་འཇོག་པའི་ཐད་སྔར་བཞིན་ཐག་གཅོད་རང་བཞིན་གྱི་ཇུས་གཞི་འཚོལ་བཞིན་ཡོད་པར་མ་ཟད།  མ་འོངས་པར་དབྱིན་ཇིའི་བར་གྱི་རོགས་རེས་འབྲེལ་བའི་སྒོ་མོ་འབྱེད་འདང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།