ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གཅིག་སྟོང་དགུ་སུམ་བརྒྱ་བཅུ་བདུན་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གཅིག་སྟོང་དགུ་སུམ་བརྒྱ་བཅུ་བདུན་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ཆེས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ང་བཞི་བར་དུ། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་དང་ཁྲི་དགུ་སྟོང་བཞི་བདུན་བརྒྱ་རེ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གཅིག་སྟོང་དགུ་སུམ་བརྒྱ་བཅུ་བདུན་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་བཞི་དང་ལྔ་བརྒྱ་ཉེར་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་གསུམ་སྟོང་ལྔ་སུམ་བརྒྱ་ཞེ་གཅིག་ལ་སླེབས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།