ཀྲུང་གོ་བོད་ཀྱི་དྲ་བ།

ཅི་པོའུ་ཐིའི་མཚོ་ཁོངས་ཀྱི་གནས་སྤོར་ཡུལ་མི་རྒྱ་མཚོར་ལྷུང་བའི་དོན་རྐྱེན་ཁྲོད་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཅི་པོའུ་ཐིའི་ཉེ་འགྲམ་མཚོ་ཁོངས་སུ་གནས་སྤོར་ཡུལ་མི་ཆུར་ལྷུང་བའི་དོན་རྐྱེན་ཞིག་བྱུང་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་གར་སོང་ཆ་མེད་དུ་གྱུར། ལས་འཛོལ་ཁྲོད་མི་བཅུ་བཞི་སྲོག་ཉེན་ལས་ཐར།

ཉེ་བའི་ལོ་འདི་དག་གི་རིང་ལ། ཨེ་ཙེ་ཨོ་ཕི་ཡ་དང་ཨེ་རི་ཐེ་ལི་ཡ་སོགས་རྒྱལ་ཁབ་ཀྱི་གནས་སྤོར་ཡུལ་མི་འབོར་ཆེན་གྱིས། ཅི་པོའུ་ཐི་དང་ཡེ་མེན་བར་གྱི་ མཚོ་འགག་བརྒྱུད་དེ། ཁྲིམས་འགལ་ངང་ཨ་རབ་ཕྱེད་གླིང་དུ་ལས་ཀའི་གོ་སྐབས་འཚོལ་བར་འགྲོ་བཞིན་ཡོད། ཡེ་མེན་གྱི་རིམས་ནད་གསར་པ་དང་དུས་བབ་ཟང་ཟིང་སོགས་ཀྱི་རྐྱེན་གྱིས། གནས་སྤོར་ཡུལ་མི་ཁག་ཅིག་ཡེ་མེན་ནས་ཅི་པོའུ་ཐི་རུ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།