ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཤར་ལྷོའི་ས་ཁུལ་དུ་ཆར་རླུང་དྲག་པོ་བྱུང་ནས་མི་བཅོ་བརྒྱད་གར་སོང་ཆ་མེད་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཧྥ་རན་སིའི་ཤར་ལྷོའི་རྒྱུད་མཚོ་འགྲམ་གྱི་ཨར་པེ་སི་ཞིང་ཆེན་སོགས་སུ་ཚེས་གཉིས་ཉིན་ནས་བཟུང་ཆར་རླུང་དྲག་པོ་བྱུང་བ་ལ་བརྟེན་ནས། ཆུ་ལོག་རྒྱུག་ནས་ཟམ་པ་བརྡིབས་པ་དང་འགྲོ་ལམ་བཤིག་པ། ཁང་པར་གཏོར་སྐྱོན་ཕོག་པ་བཅས་ལས་གཞན། ད་དུང་ཁྱབ་ཆེ་སར་གློག་ཆད། མིག་སྔར་མི་བཅོ་བརྒྱད་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། དེའི་ནང་རོགས་སྐྱོབ་མི་སྣ་གཉིས་ཚུད་ཡོད།

ཧྥ་རན་སིའི་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཆར་རླུང་དྲག་པོའི་ཤུགས་རྐྱེན་ཐེབས་པར་བརྟེན། ཚེས་གཉིས་ཉིན་གྱི་དགོང་མོ་ནས་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཉིས་སྟེང་དུ། མཚོ་འགྲམ་གྱི་ཨར་པེ་སི་ཞིང་ཆེན་དུ་ཆར་པ་འབབ་ཚད་ཆེ་རུ་ཕྱིན་ཡོད། ཧྥ་རན་སིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཆར་པ་བབས་པ་ལས་མཐོང་དཀོན་པའི་ཆུ་ལོག་བྱུང་ནས། ཁང་པ་དང་ཟམ་པ་འབོར་ཆེན་ལ་གཏོར་སྐྱོན་བཟོས་ཡོད། ས་ཁུལ་དེའི་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གསུམ་ལྷག་ཙམ་གྱི་གློག་ཆད་ཡོད་ཅིང་། མིག་སྔར་གློག་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།