ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཀའི་སྲིད་གཞུང་གི་དམིགས་བསལ་འཐུས་མི་ཏའོ་ཧྭ་ལ་ཐོན་ནས་ཨ་ཧྥུའུ་ཧན་གྱི་ཞི་བདེ་གྲོས་མོལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ལི་ཀྲ་ཏི་ཡིས་ཚེས་གཅིག་ཉིན་ཁཱ་ཐ་ཨེར་གྱི་རྒྱལ་ས་ཏའོ་ཧྭ་ནས་ཕྱི་འབྲེལ་བྱ་འགུལ་སྤེལ་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་ཞི་བདེ་གྲོས་མོལ་ལ་སྐུལ་འདེད་བཏང་།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གཉིས་ཀྱིས་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་ནས་བཟུང་ཏའོ་ཧྭ་ནས་ཞི་བདེ་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་བར་གྲོས་མོལ་ལ་མཛུབ་སྟོན་བྱེད་པའི་སྤྱོད་ཚུལ་རྩ་གནད་གཏན་འབེབས་བྱེད་པའི་ཐད་ནས་འགལ་ཟླ་བྱུང་བས། ཞི་བདེ་གྲོས་མོལ་བཟང་བོ་བྱས་མ་ཐུབ་པ་དང་། འཁྲུག་རྩོད་མཚམས་འཇོག་པ་དང་བཅོས་སྐྱོང་རྣམ་པ་སོགས་ཨ་ཧྥུའུ་ཧན་གྱི་མ་འོངས་པར་འབྲེལ་བ་ཡོད་པའི་གྲོས་གཞི་གལ་ཆེན་གླེང་ཁོམ་མ་བྱུང་།

ཧྭ་ལིས་ལི་ཀྲ་ཏི་ཡིས་ཟླ་གཉིས་པར་ཨ་མེ་རི་ཀ་སྲིད་གཞུང་དང་ཐ་ལེ་པན་གྱི་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་བ་དང་། སྔོན་དུས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གྱི་ཞི་མོལ་ཡུལ་དངོས་སུ་བར་འདུམ་མ་བྱས།

ཨ་མེ་རི་ཀའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྭ་ལིས་ལི་ཀྲ་ཏི་ཏའོ་ཧྭ་རུ་མ་ཐོན་གོང་དུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕྱི་འབྲེལ་དཔོན་པོ་དེས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གྱི་གྲོས་མོལ་ཚན་ཆུང་དང་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་པའི་ཐད་འབད་འཐབ་བྱས་པར་རྒྱུས་ལོན་བྱེད་རྒྱུ་རེད་ཟེར།

ཧྭ་ལིས་ལི་ཀྲ་ཏི་ཡ་ཏའོ་ཧྭ་རུ་མ་ཐོན་གོང་དུ་སྨྱན་བྱད་དུ་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་གྲོས་མོལ་ལ་མཐོང་ཆེན་བྱས་པར་མ་ཟད་གྲོས་མོལ་ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་ཆབ་སྲིད་ཀྱི་མ་འོངས་པའི་ལམ་ཐིག་པར་རིས་གཏན་འབེབས་བྱེད་པ་དང་ཡུན་རིང་། ཁྱོན་ཡོངས་ཀྱི་འཐབ་འཁྲུག་མཚམས་འཇོག་པའི་ཕྱོགས་ནས་གྲུབ་འབྲས་ལེན་རྒྱུའི་རེ་བ་བཅངས་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།