ཀྲུང་གོ་བོད་ཀྱི་དྲ་བ།

མ་ཁི་ལུང་གིས་ཆོས་ལུགས་ཁ་བྲལ་རིང་ལུགས་ལ་དོགས་ཟོན་དང་རྡུང་རྡེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་ཚེས་གཉིས་ཉིན་ཧྥ་ལན་ཞི་གླིང་ཕྲན་ས་ཁུལ་གྱི་ལའེ་མིས་ལའོ་གྲོང་ཁྱེར་དུ་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། ཆོས་ལུགས་ཀྱི་ཁ་བྲལ་རིང་ལུགས་ལ་དོགས་ཟོན་དང་རྡུང་རྡེག་བྱེད་པ་དང་། ཆོས་ལུགས་མཐུན་ཚོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་ཟེར།

མ་ཁི་ལུང་གིས་བཤད་རྒྱུར། ངེས་པར་དུ་བཅའ་ཁྲིམས་དང་འགལ་་བའི་ཆོས་ལུགས་ཁ་བྲལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་མ་ཟད། རྒྱལ་གཅེས་རིང་ལུགས་བརྒྱུད་དེ་ཐལ་སྤྱོད་ཆོས་ལུགས་རིང་ལུགས་ངོ་རྒོལ་བྱེད་དགོས་ཟེར། ཁོས་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་བསྡུ་རྒྱུ་ཡིན་པའི་པུའུ་ཀྲང་གྲོས་ཚོགས་སྟེང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྲིམས་གཞི་འདོན་རྒྱུ་ཡིན་པའི་ཚུལ་བསྟན།

མ་ཁི་ལུང་གིས་བཤད་རྒྱུར། ཆོས་ལུགས་མཐུན་ཚོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། རྒྱལ་ཁབ་དང་ས་ཁུལ་གྱི་ཁ་གསབ་རེ་ཞུ་བྱས་པའི་ཆོས་ལུགས་རྩ་འཛུགས་ཀྱིས་ངེས་པར་དུ་གན་རྒྱ་བཀོད་དེ། སྤྱི་ཐུན་མ་དངུལ་དེ་ཁ་བྲལ་རིང་ལུགས་སྟོབས་ཤུགས་ཐད་མི་བཀོལ་བར་ཁག་ཐེག་བྱེད་དགོས་ཟེར། ཁོས་ད་དུང་བཤད་རྒྱུར། ངེས་པར་དུ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཧྥ་རན་སིའི་ཆོས་ལུགས་ཐད་ཀྱི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།