ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཐུར་ཁེ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་བཏང་སྟེ་ན་ཁཱ་ས་ཁུལ་གྱི་གདོང་གཏུག་ལ་གྲོས་བསྡུར་བྱས།

    སྤེལ་དུས། : 2020-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་གཅིག་ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཧྥུའུ་ཡིས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆ་ཝུའུ་ཧྲི་ཨའོ་ལུའུ་ལ་ཁ་པར་བཏང་སྟེ་ན་ཀེར་ཨར་ནོ-ཁཱ་ལ་པཱ་ཧི་ས་ཁུལ་གྱི་གདོང་གཏུག་ལ་གྲོས་བསྡུར་བྱས།

 ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཀྱིས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་ནང་དུ་ན་ཁཱ་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་འགྲོ་བའི་ཐད་ལ་གྲོས་བསྡུར་ཞིབ་ཕྲ་བྱས་པ་དང་། ས་ཁུལ་དེའི་དྲག་ཆས་གདོང་གཏུག་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད།  ཕྱོགས་གཉིས་བར་གྱི་གདོང་གཏུག་མྱུར་དུ་མཚམས་འཇོག་དགོས་པའི་རེ་འབོད་བཏོན་པ་དང་། ས་ཁུལ་གཞན་དག་གི་ཁྲིམས་འགལ་དྲག་ཆས་ཉེས་ཅན་གདོང་གཏུག་དེའི་ནང་དུ་ཞུགས་མི་ཆོག་པ་ནན་བཤད་བྱས། སྤྱི་བསྒྲགས་ནང་བཤད་དོན།  ཨ་སེ་པེ་ཅང་དང་ཡ་མེ་ཉི་ཡ་གཉིས་ལ་ཆབ་སྲིད་ཀྱི་ཕྱི་འབྲེལ་རོགས་ལས་འདོན་སྤྲོད་བྱེད་པའི་ཐད་ལ་གཟབ་ནན་གྱི་གོ་རིམ་སྤྱོད་དགོས་ཟེར།
 སྤྱི་བསྒྲགས་ནང་བཤད་དོན། ཨུ་རུ་སུ་དང་ཐུར་ཁེ་ཕྱོགས་གཉིས་པོས་གནས་བབ་བརྟན་ལྷིང་ཡོང་བར་མཉམ་ལས་དམ་པོ་བྱས་ཏེ། ན་ཁཱ་ས་ཁུལ་གྱི་གདོང་གཏུག་ཐག་གཅོད་པར་མྱུར་དུ་ཞི་བའི་གྲོས་མོལ་གྱི་ལམ་དུ་ཞུགས་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།