ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ལི་པ་ནུན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་མཐའ་མཚམས་གནད་དོན་ལ་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་གཅིག་ཉིན། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཅ་པུས·ཨ་ཧྲི་ཁི་ན་ཆི་ཡིས་གསལ་བསྒྲགས་སྤེལ་ཏེ་དབྱི་སི་རལ་དང་ལི་པ་ནུན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་མཐའ་མཚམས་ལ་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཨ་ཧྲི་ཁི་ན་ཆི་ཡིས་གསལ་བསྒྲགས་ནང་བཤད་དོན། དེ་ནི་ལོ་གསུམ་རིང་ཕྱི་འབྲེལ་འབྲེལ་འདྲིས་བྱས་རྗེས་སུ་གོམ་པ་གལ་ཆེན་སྤོས་པ་ཡིན་ཡིན་ཞིང་། གྲོས་མོལ་ལེགས་གྲུབ་བྱུང་ན་ས་ཁུལ་བརྟན་ལྷིང་ཡོང་བར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རོགས་འདེགས་བྱེད་ངེས་ཡིན་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཡིག་ཝ་ཨར་ཧྲི་ཐའེ་ཉི་ཚི་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། གྲོས་མོལ་དེ་ལེ་པ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེ་ཡི་ལེ་པ་ནུན་ལྷོ་རྒྱུད་ཀྱི་མཁར་གྲོང་ན་ཀུའུ་ལའི་རྟེན་གཞི་ཞིག་ཏུ་བསྡུ་རྒྱུ་རེད། སྔོན་དཔག་བྱས་ན་ཟླ་10པའི་ཟླ་སྨད་དུ་འཚོགས་འགོ་རྩོམ་རྒྱུ་རེད། ཧྲི་ཐའེ་ཉི་ཚིས་ཀྱིས་བཤད་དོན། གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་དབྱི་སི་རལ་དང་ལེ་པ་ནུན་བར་གྱི་མཚོ་ཐོག་མཐའ་མཚམས་ཀྱི་རྩོད་གཞི་མཇུག་བསྒྲིལ་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་བྱེད་པར་རོགས་འདེགས་བྱེད་པ་དང་། ས་ཁུལ་དེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་ཟེར།

དབྱི་སི་རལ་དང་ལེ་པ་ནོན་གྱིས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད། རྒྱལ་ཁབ་གཉིས་ཀྱིས་ཧ་ལམ་སྤྱི་ལེ་ངོས་གྲུ་860ཟིན་པའིས་དབུས་རྒྱ་མཚོའི་མཚོ་ཁོངས་སུ་རྒྱལ་ཁབ་རང་གི་ཆེད་གཏོགས་དཔལ་འབྱོར་ཁུལ་གྱི་ཁྱབ་ཁོངས་སུ་འཇུག་དགོས། ཉེ་བའི་ལོ་ཤས་རིང་། རྩོད་གཞི་ཡོད་པའི་མཚོ་ཁོངས་སུ་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་རྟོགས་བྱུང་བས། ཕྱོགས་གཉིས་པོས་གསར་སྤེལ་བེད་སྤྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།