ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁུ་ཝེ་ཐེ་ཨའེ་སྨིར་ས་པ་ཧོ་ཚེ་ལས་འདས་པར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ནས། ཉིན་དེར་སྐུ་གཤེགས་པའི་ཁུ་ཝེ་ཐེ་ཨའེ་སྨིར་ས་པ་ཧོ་འདས་གྲོངས་བྱས་པར་མྱ་ངན་ཞུས་ཏེ། ཁོང་ལ་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་ཞེས་བརྗོད།

གསལ་བསྒྲགས་ནང་། ཀུའུ་ཐེ་ལེ་སི་ཡིས་ས་པ་ཧོ་ཚེ་ལས་འདས་པར་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད་ལ། ཁོང་གི་ནང་མི་དང་དེ་བཞིན་ཁུ་ཝེ་ཐེ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།

གསལ་བསྒྲགས་ནང་། ས་པ་ཧོ་ནི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་ཆོས་རིང་ལུགས་པ་ཞིག་ཡིན་ལ། ཁོང་གིས་མཚོ་ཁུག་དང་ས་ཁུལ་གཞན་དབར་འབྲེལ་ཟམ་བཙུགས་ཏེ། ཁོང་གི་བློ་གྲོས་དང་བློ་རྒྱ། དེ་བཞིན་རྒྱལ་ཁབ་འཛུགས་སྐྲུན་དང་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ཐད་ཀྱི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བློས་ཐུབ་གྲོགས་པོ་ཡིན་པའི་ཆ་ནས། ས་པ་ཧོ་ཡིས་ས་ཁུལ་དང་འཛམ་གླིང་ཡུན་རིང་ཞི་བདེ་དང་བརྟན་འཇགས་ཡོང་ཆེད་ཕྱོགས་ཁག་གི་འབྲེལ་བར་ཤུགས་སྣོན་ཆེན་པོ་བརྒྱབ་མྱོང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།