ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ལ་ཁ་པར་བཏང་སྟེ་ཁོ་རང་འཇར་པན་གྱི་དབུ་བཞུགས་ཆེན་ལ་བསྐོ་འཇོག་བྱས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལིན་མུའུ་ལིན་ཕོ་བྲང་དུ་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་སྤེལ་བའི་གསལ་སྒྲོག་ནང་བཤད་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ལ་ཁ་པར་བཏང་སྟེ་ཁོ་རང་འཇར་པན་གྱི་དབུ་བཞུགས་ཆེན་ལ་བསྐོ་འཇོག་བྱས་པར་རྟེན་འབྲེལ་ཞུས།

གསལ་སྒྲོག་ནང་བཤད་དོན། ཕྱོགས་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་གྲོས་མོལ་ནང་དོན་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་འཕེལ་རྒྱས་སུ་བཏང་ཞེས་བསྟན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁ་པར་ལས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གསར་བཟོ་བྱེད་པ་དང་བཅས་པའི་གསོ་རིག་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ལ་གྲོས་སྡུར་བྱས།

གསལ་སྒྲོག་ལས་བཤད་དོན། ཁ་པར་ལས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཏེ། ཧུར་ཐག་སྒོས་ཨུ་རུ་སི་དང་འཇར་པན་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།