ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་མི་སྣ་གཉིས་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཀའེ་ལི་ཡོའུ་པུའུ་ཞིང་ཆེན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཧ་ཅང་ཉེན་ཁ་ཆེ་བའི་འཇིགས་སྐུལ་མི་སྣ་གཉིས་བསད།

གསལ་བསྒྲགས་ནང་བཤད་རྒྱུར། ནང་སྲིད་པུའུ་ལ་ཉེ་སྔོན་འབྱོར་བའི་གནས་ཚུལ་ལྟར་ན། འཇིགས་སྐུལ་མི་སྣ་གཉིས་ཀའེ་ལི་ཡོའུ་པུའུ་ཞིང་ཆེན་གྱི་སྡོད་དམངས་ཁུལ་གྱི་ཁང་བ་ཞིག་གི་ནང་སྦས་ནས། འཇིགས་སྐུལ་འགུལ་སྐྱོད་སྤེལ་རྒྱུའི་འཆར་གཞི་བཟོ་རྒྱུ་ཡོད་པ་དང་། བདེ་འཇགས་དམག་དཔུང་གིས་མྱུར་དུ་འཇབ་རྒོལ་བྱས་ནས། འཇིགས་སྐུལ་མི་སྣ་དེ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། 2020ལོར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཐེངས་མང་པོར་སྤེལ་ནས། འཇིགས་སྐུལ་མི་སྣ་བརྒྱ་ལྷག་བསད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།