ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཞི་ཁོའི་ཆ་ཕ་སི་ཀྲིག་ཏུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཤར་ལྷོ་ཕྱོགས་སུ་ཡོད་པའི་ཆ་ཕ་སི་ཀྲིག་གི་ཞིབ་དཔྱོད་ལས་ཁུངས་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་སྤྱི་བསྒྲགས་ནང་བཤད་དོན། ཉིན་དེའི་ཞོགས་པར་ཆ་ཕ་སི་ཀྲིག་ཏུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཟེར།

སྤྱི་བསྒྲགས་ནང་བཤད་དོན། ཉིན་དེའི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆ་ཕ་སི་ཀྲིག་ལ་ཐེ་ལི་ཉི་ཐ་ལི་ཡ་གྲོང་ཁྱེར་གྱི་ཉེ་འདབས་སུ་ཚོད་མ་ཟིན་པར་གཞུང་ལམ་ལས་བརྒལ་ནས། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་རྨས། རྨས་མ་རྣམས་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིནཡོད་པ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་སྔར་བཞིན་ཞིབ་བཤེར་བྱེད་བཞིན་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན།  དོན་རྐྱེན་བྱུང་སའི་ལམ་རྩུབ་ཅིང་ཧ་ཅང་མི་བདེ་བ་དང་དོན་རྐྱེན་བྱུང་སྐབས་ནམ་ཟླ་ཡང་དེ་འདྲ་བཟང་རྒྱུ་མེད་པའི་རྐྱེན་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།