འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་གསུམ་ཁྲི་གསུམ་སྟོང་བཞི་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།    འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་གསུམ་ཁྲི་གསུམ་སྟོང་བཞི་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།   ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཆུ་ཚོད་གསུམ་དང་སྐར་མ་ང་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་གསུམ་དང་སྟོང་གཉིས་ཉིས་བརྒྱ་དོན་བདུན་ཇེ་མང་དུ་སོང་བ་དང་།  བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གསུམ་ཁྲི་གསུམ་སྟོང་བཞི་དང་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།   རྐྱེན་ལམ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དང་བཅུ་བཞི་ཡིས་ཇེ་མང་དུ་སོང་བ་དང་།  བསྡོམས་པས་འབུམ་དགུ་དང་ཁྲི་དགུ་སྟོང་དྲུག་དང་སུམ་བརྒྱ་ཞེ་གཉིས་ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།