ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་ཀྱིས་ཡ་མེ་ཉི་ཡ་དང་ཨ་སད་པེ་ཅང་གིས་ན་ཁཱ་ས་ཁུལ་དུ་སྐོར་ཐེངས་གསར་པའི་གདོང་ཐུག་བྱུང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་ཀྱིས་ཡ་མེ་ཉི་ཡ་དང་ཨ་སད་པེ་ཅང་གིས་ན་ཁཱ་ས་ཁུལ་དུ་སྐོར་ཐེངས་གསར་པའི་གདོང་ཐུག་བྱུང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད།  ཕྱོགས་གཉིས་ཀྱིས་མྱུར་དུ་དམག་འཁྲུག་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ན་ཁཱ་ས་ཁུལ་གྱི་འབྲེལ་འདྲིས་ས་གནས་སུ་སླར་ཡང་དགྲར་འཛིན་བྱ་སྤྱོད་སྤེལ་བར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་།  དྲག་ཆས་བཀོལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་མ་ཟད། དེ་ལས་བྱུང་བའི་ཚེ་སྲོག་གི་གྱོང་གུན་དང་མི་སེར་ཤི་རྨས་བྱུང་བར་ཡིད་སྐྱོ་བའི་ཚུལ་བསྟན་ཟེར།

གསལ་བསྒྲགས་ནང་བསྟན་དོན།  ཀུའུ་ཐེ་ལོས་སི་ཡིས་ཕྱོགས་གཉིས་བར་གྱི་གདོང་ཐུག་མྱུར་དུ་མཚམས་བཞག་ནས་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་དགོས་ལ། དོན་སྙིང་ཡོད་པའི་གྲོས་མོལ་མྱུར་དུ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་ནན་མོ་བཏང་།  དེ་བས། ཁོ་ཡིས་ཨ་སད་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་དང་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་གཉིས་ཀར་ཁ་པར་བཏང་།

ཡ་མེ་ཉི་ཡ་དང་ཨ་སད་པེ་ཅང་གཉིས་ཀྱིས་ཚེས་27ཉིན་ན་ཁཱ་ས་ཁུལ་དུ་སྐོར་ཐེངས་གསར་པའི་གདོང་གཏུག་བྱུང་བར་ཕྱོགས་གཉིས་ཀྱིས་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་ནས་སྔོན་ལ་དམག་དོན་ཕར་རྒོལ་བྱས་པ་ཡིན་ཞེས་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།