འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་བདུན་ཁྲི་གསུམ་དགུ་བརྒྱུ་དང་ཞེ་ལྔ་ལ་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་བདུན་ཁྲི་གསུམ་དགུ་བརྒྱུ་དང་ཞེ་ལྔ་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་ཆུ་ཚོད་གཅིག་དང་སྐར་མ་བརྒྱད་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་དགུ་སྟོང་བརྒྱད་བདུན་བརྒྱ་དོན་གསུམ་ཇེ་མང་དུ་སོང་ནས།  བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་བདུན་ཁྲི་གསུམ་དགུ་བརྒྱ་དངཞེ་ལྔ་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་སུམ་བརྒྱ་བརྒྱད་བཅུ་ཇེ་མང་དུ་སོང་བ་དང་།  བསྡོམས་པས་འབུམ་དགུ་དང་ཁྲི་དགུ་སྟོང་གཅིག་ཉིས་བརྒྱ་ཉེར་བཞི་ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།