ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་ས་གནས་སྲིད་གཞུང་གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར།   ཐལ་སྤྱོད་རྩ་འཛུགས་པོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་པས་ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོ་ཀྲིག་ཏུ་ནེ་ཀྲི་རི་ཡའི་ས་གནས་སྲིད་གཞུང་གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡའི་དམག་ཕྱོགས་ཀྱིས་བཤད་རྒྱུར།   ཉེན་རྟོག་པ་དང་བདེ་འཇགས་མི་སྣས་སྲུང་སྐྱེལ་བྱེད་བཞིན་པའི་པའོ་ཨར་ནོ་ཀྲིག་སྲིད་གཞུང་གི་རླངས་འཁོར་རུ་ཁག་ཚེས་ཉེར་ལྔ་ཉིན་པཱ་ཅ་གྲོང་རྡལ་དུ་བགྲོད་པའི་ལམ་བར་དུ་པོ་ཁོ་གནས་མཆོག་ཅེས་པའི་དྲག་ཆས་པས་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་བརྒྱད་དང་བདེ་འཇགས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་བ་དང་།   གཞན་ཡང་མི་བཅུ་གསུམ་ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་ཟེར།

ས་གནས་སྨན་སྦྱོར་གྱིས་བཤད་རྒྱུར།   མི་སྣར་ཤི་རྨས་ཐེབས་པ་ལས་གཞན།   པོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་པས་ད་རུང་ཉེན་རྟོག་ཕྱོགས་ཀྱི་ཁྲབ་ལྡན་འཁོར་ལོ་དང་ས་གནས་སྲིད་གཞུང་གི་དཔོན་དམག་གི་རླངས་འཁོར་འཕྲོག་ཟེར།

པོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བཙུགས་ནས་ལོ་བཅུ་ལྷག་གི་རིང་ལ།  ནེ་ཀྲི་རི་ཡའི་བྱང་ཤར་ཕྱོགས་སུ་རྒྱུན་པར་འགུལ་སྐྱོད་སྤེལ་བཞིན་ཡོད་པར་མ་ཟད།  ནེ་ཀྲིར་དང་ཁ་མེ་ལུང་སོགས་མཐའ་འཁོར་རྒྱལ་ཁབ་དག་ལ་བདེ་འཇགས་ཐད་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།