ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གཅིག་ལྷག་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་སྲིད་གཞུང་དྲ་ཚིགས་སྟེང་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་བདུན་བརྒྱ་གོ་བདུན་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་ལྔ་ལས་བརྒལ་ཞིང་། བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་གཅིག་དྲུག་བརྒྱ་རེ་གཅིག་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་དྲུག་དང་བརྒྱ་དང་ཉེར་བརྒྱད་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་དེའི་ནང་གི་ནད་པ་སྟོང་གཅིག་དང་གོ་བརྒྱད་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་གཅིག་སྡུད་སྒོས་འགོས་ཁྱབ་བྱུང་བའི་དོན་རྐྱེན་སྟོང་གཅིག་དང་བརྒྱ་དང་ཉེར་ལྔ་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་པྲོག་གསར་གློ་ཚད་རིམས་ནད་གཅིག་སྡུད་སྒོས་འགོས་ཁྱབ་བྱུང་བའི་དོན་རྐྱེན་གོ་གཅིག་བྱུང་། དེ་ལས་གཞན་འདས་པའི་ཉིན་བདུན་གྱི་ནང་དུ་ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་དབྱིབས་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱས་ནས་གདགས་གཤིས་ཡིན་པའི་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་དགུ་ལ་འཕར་སྣོན་བྱུང་། །

ལོ་ཙཱ་བ། བཀྲ་ཤིས་འབུམ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།