ནི་ཀྲེ་རི་ཡའི་དམག་ཕྱོགས་ཀྱིས་དྲག་ཆས་མི་སྣ་ཉེར་གཅིག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ནི་ཀྲི་རི་ཡའི་དམག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་བྱང་རྒྱུད་ཁ་ཆི་ན་ཀྲིག་ནས་དྲག་ཆས་ཉེས་ཅན་ཉེར་གཅིག་བསད་ཟེར།

    གསལ་བསྒྲགས་ནང་དྲག་ཆས་པ་སྐོར་ཞིག་གིས་ཁ་ཆི་ནཱ་ཀྲིག་གི་སྡེ་བ་ཞིག་ལ་འཇབ་རྒོལ་བྱེད་རྩིས་བྱེད་སྐབས་ནི་ཀྲི་རི་ཡའི་དམག་ཕྱོགས་བར་འཁྲུག་རྩོད་བྱུང་བ་དང་། ནི་ཀྲི་རི་ཡའི་དམག་དཔུང་གིས་དྲག་ཆས་ཉེས་ཅན་ཉེར་གཅིག་བསད་པ་དང་། དྲག་ཆས་ཉེས་ཅན་གཞན་དག་ལ་རྨས་སྐྱོན་ཕོག་པ་མ་ཟད་ཉེ་འགྲམ་གྱི་ནགས་གསེབ་ནས་བྲོས་ཟིན་ཞེས་བཤད་ཡོད་པ་དང་། གསལ་བསྒྲགས་ནང་འཁྲུག་རྩོད་བྱུང་བའི་ཞིབ་ཕྲའི་དུས་ཚོད་གླེང་མེད། 
    གསལ་བསྒྲགས་ནང་བཤད་རྒྱུར།  ནེ་ཀྲི་རི་ཡའི་དམག་ཕྱོགས་ཀྱིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་དྲག་ཆས་མི་སྣས་འཛིན་བཟུང་བྱས་པའི་སྡེ་མི་གསུམ་བསྐྱབས་པ་དང་། དེའི་ཁྲོད་བྱིས་པ་གཅིག་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།