ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་ཤར་བྱང་ཕྱོགས་སུ་དམག་བཀོལ་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་སྤྱི་བསྒྲགས་ནང་བཤད་དོན། ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་ཤར་བྱང་ཕྱོགས་ཀྱི་ཧ་ཨར་ཁི་ཧྥུའུ་ཀྲིག་ཏུ་ཉིན་དེའི་དགོང་མོར་དམག་བཀོལ་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་རྨས་ཤིང་མི་བཞི་གར་སོང་ཆ་མེད་དུ་གྱུར་ཟེར།

སྤྱི་བསྒྲགས་ནང་བཤད་དོན། ཨན་ཉེར་དྲུག་རྟགས་ཅན་གྱི་དམག་བཀོལ་གནམ་གྲུ་ཞིག་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་ཉི་ཤུ་དང་སྐར་མ་ལྔ་བཅུ་ཡས་མས་སུ་ཧ་ཨར་ཁི་ཧྥུའུ་ཀྲིག་ཆིག་ཀུའུ་ཡེ་ཧྥུའུ་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་། དོན་རྐྱེན་བྱུང་སྐབས་གནམ་གྲུའི་ནང་དུ་བསྡོམས་པས་མི་ཉེར་བརྒྱད་ཡོད་པ་དང་མི་ཚང་མ་ཧ་ཨར་ཁི་ཧྥུའུ་རྒྱལ་བཙུགས་མཁའ་དམག་སློབ་ཆེན་གྱི་རེད། དོན་རྐྱེན་དེ་བྱུང་ནས་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་རྨས་པ་ལྗིད་མོ་ཡིན་པས་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་ཀྱིན་ཡོད་ལ། མི་བཞི་གར་སོང་མི་ཤེས། འཚོལ་ཞིབ་མི་སྣས་མིག་སྔར་ཡུལ་དངོས་སུ་མི་སྣ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།