ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པ་ལའི་ནུབ་རྒྱུད་ཀྱི་ཤིས་དབྱང་ཀྲ་རྫོང་གི་གྲོང་ཚོ་ཞིག་ལ་ཚེས་ཉེར་བཞི་ཉིན་རི་ཉིལ་དོན་རྐྱེན་བྱུང་ནས་སྡོད་ཁང་ཞིག་ས་འོག་ཏུ་སྦས་པ་དང་། སྡོད་ཁང་ནང་གི་མི་དགུ་བསད་པའི་ཁྲོད་སྐྱེས་མ་ཐག་པའི་ཕྲུ་གུ་གཅིག་ཀྱང་ཚུད་ཡོད།
ཤིས་དབྱང་ཀྲ་རྫོང་ཉེན་རྟོག་ཅུའུ་ཡི་མཐོ་རིམ་ཉེན་རྟོག་དཔོན་པོ་པོ་ཅ་ཏིས་ཁ་པར་ནང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁང་བ་འདིའི་གོང་ནས་ལམ་གསར་བ་ཞིག་བཟོས་པ་རེད། ས་རྒྱུ་ལྷོད་པ་མ་ཟད། འདས་ཟིན་པའི་ཉིན་གཉིས་རིང་ཆར་པ་རྒྱུན་ཆད་མེད་པར་བབས་པས་མཐར་རི་ཉིལ་དོན་རྐྱེན་བྱུང་བ་རེད། ཁྱིམ་ཚང་འདིའི་བཟའ་མི་གང་བོའི་ཁྲོད་ལོ་བཅུ་བདུན་ཅན་གྱི་བུ་མོ་གཅིག་ཁོ་ན་དོན་རྐྱེན་ཁྲོད་སྟེས་དབང་གིས་ཐར།
ཤེས་རྟོགས་བྱུང་བར་གཞིགས་ན། དོན་རྐྱེན་བྱུང་སའི་ཉེ་འགྲམ་གྱི་སྡོད་ཁང་སྟར་མ་བཞི་ལྔ་ལའང་གཏོར་སྐྱོན་ཕོག་ཡོད་ནའང་མི་ཤི་རྨས་བྱུང་མེད།
ཉེ་བའི་ཉིན་འགའི་རིང་ལ། ནེ་པ་ལའི་དབུས་རྒྱུད་དང་ནུབ་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་ཉེར་བཞི་ཉིན་ནུབ་རྒྱུད་ཀྱི་པར་པ་རྫོང་ལའང་རི་ཉིལ་དོན་རྐྱེན་ཞིག་བྱུང་ནས་ཁང་པ་གསུམ་ས་འོག་ཏུ་མནན་པ་དང་། མི་དྲུག་གར་སོང་ཆ་མེད་དུ་གྱུར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ནེ་པ་ལའི་ནུབ་རྒྱུད་དུ་རི་ཉིལ་དོན་རྐྱེན་བྱུང་ནས་མི་དགུ་བསད།