ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ཡི་བཙོན་ཁང་ཞིག་ཏུ་ཚེས་ཉེར་གསུམ་ཉིན་མཉམ་དུ་བཙོན་ནས་བྲོས་པའི་དོན་རྐྱེན་ཞིག་བྱུང་སྟེ་བཙོན་མ་བཞི་དང་ཉེན་རྟོག་པ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ཡི་བཙོན་ཁང་ཞིག་ཏུ་ཚེས་ཉེར་གསུམ་ཉིན་མཉམ་དུ་བཙོན་ནས་བྲོས་པའི་དོན་རྐྱེན་ཞིག་བྱུང་སྟེ་བཙོན་མ་བཞི་དང་ཉེན་རྟོག་པ་གསུམ་རྐྱེན་ལམ་དུ་ཤོར།

ཨ་ཅིབ་སྨྱན་སྦྱོར་ཀྱིས་བདེ་འཇགས་མི་སྣའི་གནས་ཚུལ་དྲངས་ནས་བཤད་རྒྱུར།   ཐེངས་འདིའི་བཙོན་ནས་བྲོས་ཀྱང་ལེགས་འགྲུབ་མ་བྱུང་བའི་དོན་རྐྱེན་དེ་ནི་ཐའོ་ལཱ་བཙོན་ཁང་དུ་བྱུང་བ་རེད།   སྲོག་ཁྲིམས་བཅད་ཡོད་པའི་བཙོན་མ་བཞི་བཙོན་ཁང་དུ་འབྲོ་རྩིས་བྱས་པ་དང་།  ཁོ་ཚོས་ཉེན་རྟོག་པར་ཕྱིར་རྒོལ་བྱེད་སྐབས་བསད་པ་རེད།

བསྒྲགས་པ་ལྟར་ན།   བཙོན་མ་བཞིའི་ཁྲོད་ཀྱི་བཙོན་མ་གསུམ་ནི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཡིན་པ་དང་།  ཉིས་སྟོང་བཅུ་གསུམ་ལོའི་ཟླ་བརྒྱད་པ་ནས་ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་བར་དུ། ཨེ་ཅིབ་ཀྱི་ཁྲིམས་འཛིན་མི་སྣར་དམིགས་པའི་འཇབ་རྒོལ་རབ་དང་རིམ་པའི་ཁྲོད་ཞུགས་ཏེ།   ཉུང་མཐར་ཡང་ཉེན་རྟོག་པ་བཅུ་བསད་པ་རེད།   ཐེངས་འདིའི་བཙོན་ནས་བྲོས་པའི་དོན་རྐྱེན་གྱི་ཞིབ་ཕྲའི་གནས་ཚུལ་ལ་ད་རུང་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།