ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་གསར་པས་སྲིད་དོན་གཞི་གྲངས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་གསར་དུ་བསྐོས་པའི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ཡིས་ཚེས་ཉེར་གསུམ་ཉིན་ནང་བློན་གྲོས་ཚོགས་བསྡུས་ཏེ། སྡེ་ཁག་སོ་སོས་ཇུས་ཤུགས་མཉམ་འདོན་བྱས་ཏེ་ལོ་མཇུག་གི་སྔོན་ལ་“གཞི་གྲངས་ཅུའུ”འཛུགས་སྐྲུན་གྲ་སྒྲིག་བྱེད་པར་སྲིད་ཇུས་ཀྱི་རྩ་གནད་གཏན་འབེབས་བྱས་ནས། སང་ལོར་རྒྱལ་ཚོགས་སུ་སྲིད་དོན་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

འཇར་པན་གྱི་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅན་དབྱི་ཝེ་ཡིས་ཉིན་དེའི་ཚོགས་འདུའི་སྟེང་། ནང་བློན་ཁང་གི་བློན་ཆེན་ཚང་མས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱེད་པ་དང་བཅོས་སྒྱུར་གལ་ཆེན་དེ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པར་མ་ཟད། ཅན་དབྱི་ཝེ་ཡིས་ད་དུང་སང་ལོའི་ཟླ་དང་པོར་འགོ་རྩོམ་རྒྱུ་ཡིན་པའི་རྒྱལ་ཚོགས་ཀྱི་ཚོགས་འདུ་གསར་པ་འཚོག་སྐབས། གྲངས་འཛིན་ཅུའུ་འཛུགས་རྒྱུའི་གྲོས་གཞི་ཞིག་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

འཇར་པན་དཔལ་འབྱོར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅན་དབྱི་ཝེ་ཡིས་གྲངས་འཛིན་ཅུའུ་འཛུགས་པར་གཞུང་སྒེར་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་རྩེ་གྲས་འགུག་པ་དང་། སྤྱི་ཚོགས་ཧྲིལ་པོའི་གྲངས་འཛིན་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

དེ་སྔའི་ནང་བློན་ཁང་གི་འགོ་འཛིན་ཅན་དབྱི་ཝེ་ཡིས་ཚེས་བཅུ་དྲུག་ཉིན་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པ་དང་། ཁོས་བདེ་ཐང་གི་རྐྱེན་གྱིས་ལས་ཁུར་དགོངས་ཞུ་བྱས་པའི་ཨན་པེ་ཅིན་སན་གྱི་ཚབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།