ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་ཁབ་ཏུ་ཉིན་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནད་པ་སྟོང་ལྔ་དང་ང་ལྔ་ཇེ་མང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་རག་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནད་པ་སྟོང་ལྔ་དང་ང་ལྔ་ཇེ་མང་དུ་སོང་བ་དང་རྒྱལ་ཁབ་དེར་རིམས་ནད་བྱུང་བའི་ཚུན་ལ་ཉིན་གཅིག་ཏུ་ནད་པ་འཕར་ཚད་ཆེས་མཐོ་བའི་ཉིན་ཞིག་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་རག་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནད་པ་འབུམ་གསུམ་དང་ཁྲི་གསུམ་སྟོང་གཉིས་དང་དྲུག་བརྒྱ་སོ་ལྔ་ལ་སླེབས་ཤིང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བརྒྱད་དང་བདུན་བརྒྱ་ང་བཞི་ལ་སླེབས་པ་དང་། བསྡོམས་པས་ནད་པ་འབུམ་གཉིས་དང་ཁྲི་དྲུག་སྟོང་བཞི་དང་དགུ་བརྒྱ་གྱ་བརྒྱད་དྲག་སྐྱེད་བྱུང་།

དབྱི་རག་འཕྲོད་བསྟེན་པུའུ་ཀྲང་ཧ་སང་ཐ་མུས་མུས་ཀྱིས་ཉིན་དེར་བཤད་དོན། དབྱི་རག་རྒྱལ་ཁབ་ཏུ་ད་ལྟའི་དུས་སྐབས་འདིར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་སྐྱེད་བྱུང་ཚད་བརྒྱ་ཆའི་བརྒྱད་ཅུ་ཡིན་པ་དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།