ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཞུའུ་ཡིས་རྒྱལ་ཁབ་བརྒྱད་ཅུ་ཙམ་གྱི་ཚབ་བྱས་ཏེ་དབུལ་ཕོངས་ཇེ་ཉུང་དུ་བཏང་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་རི་ནེ་ཝ་ན་ཡོད་པའི་དོན་སྒྲུབ་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲིན་ཞུའུ་ཡིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་ལྔ་བའི་སྟེང་། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏེན་མེ་གླིང་བཅས་རྒྱལ་ཁབ་བརྒྱད་ཅུ་ཙམ་གྱི་ཚབ་བྱས་ཏེ་དབུལ་ཕོངས་ཇེ་ཉུང་དུ་བཏང་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏམ་བཤད།

ཁྲིན་ཞུའུ་ཡིས་བཤད་དོན། དབུལ་ཕོངས་སེལ་རྒྱུ་ནི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དམིགས་འབེན་གཙོ་བོ་ཡིན་པ་དང་། འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། འཛམ་གླིང་ཡོངས་སུ་མི་གྲངས་དུང་ཕྱུར་བརྒྱད་ཙམ་གྱིས་ཧ་ཅང་དཀའ་ཁག་ཆེ་བའི་འཚོ་བ་རོལ་བཞིན་ཡོད་པ་དང་། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་དེས་མི་གྲངས་བྱེ་བ་བདུན་ལྷག་ཡང་བསྐྱར་དབུལ་ཕོངས་སུ་བཏང་། དེས་སྤྱི་ཚོགས་དོ་མི་མཉམ་པར་ཤུགས་རྐྱེན་བཟོས་པ་དང་། འཛམ་གླིང་གི་ས་གནས་སོ་སོའི་མི་དམངས་ཀྱིས་འགྲོ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས། ང་ཚོས་ནུས་ལྡན་སྒོས་དབུལ་ཕོངས་ཇེ་ཉུང་དུ་གཏོང་བ་དང་མེད་པར་བཏང་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་བཏོན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།