ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་གསར་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་དབྱི་ལིང་གི་ཉིང་རྡུལ་དང་འཕུར་མདེལ། རྒྱུན་གཏན་གྱི་མཚོན་ཆའི་རྣམ་གྲངས་བཅས་དང་འབྲེལ་བ་ཡོད་པའི་དངོས་ཚན་དང་མི་སྒེར་ལ་རེས་སྐོར་གསར་པའི་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ཏེ། དབྱི་ལང་གི་ཉིང་རྡུལ་དང་འཕུར་མདེལ། རྒྱུན་གཏན་གོ་མཚོན་རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་དངོས་ཚན་ཉེར་བདུན་དང་མི་སྒེར་ལ་བཀག་སྡོམ་དང་ཕྱིར་གཏོང་དོ་དམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས། 

སྲིད་འཛིན་བཀའ་རྒྱའི་སྟེང་འཁོད་དོན། ཨ་མེ་རི་ཁར་ཡོད་པའི་དབྱི་ལང་དང་རྒྱུན་གཏན་གྱི་མཚོན་ཆ་ཉོ་ཚོང་བྱེད་པའམ་ཡང་ན་འབྲེལ་ཡོད་མཚོན་ཆ་ཐད་ལག་རྩལ་གསོ་སྦྱོང་དང་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་མཁན་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

གཞན་ཡང་སྨྱན་སྦྱོར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཕུའུ་ཡིས་དེ་ཉིན་ཇུས་འདོན་ཚོགས་པའི་བྱེད་སྒོར་ཞུགས་སྐབས། ཨ་མེ་རི་ཁའི་རེས་སྐོར་གསར་པའི་བཀག་སྡོམ་ལ་ནང་དོན་གསར་བ་ཅི་ཡང་མེད་ཅེས་བཤད། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལང་ལ་གནོན་ཤུགས་ཚད་མེད་སྤྲད་ཀྱང་དབྱི་ལང་གིས་མགོ་གཏན་ནས་མ་སྒུར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།