ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་གསར་དུ་བསྐོ་འཇོག་བྱས་པའི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་དང་ཨ་མེ་རི་ཁའི་ཐུ་ལང་ཕུའུ་ཡིས་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་གསར་དུ་བསྐོས་པའི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བར་ཤུགས་སྣོན་རྒྱུ་ཡིན་ཟེར།

འདི་ནི་ཅན་དབྱི་ཝེ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་ཚུན་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོས་ཐོག་མར་ཁ་པར་གྲོས་མོལ་བྱས་པ་ཡིན། འཇར་པན་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕན་ཚུན་གྱིས་ཁ་པར་གྱི་ལམ་ནས་གྲོས་མོལ་སྐར་མ་ཉེར་ལྔའི་རིང་བྱས། འཇར་པན་དང་ཨ་མེ་རི་ཁའི་མནའ་འབྲེལ་གྱི་འབྲེལ་བའི་སྐོར་གླེང་བ་ཕུད། ཕྱོགས་གཉིས་པོས་ད་དུང་ཁྲའོ་ཞན་གྱི་གནད་དོན་དང་པྲོག་གསར་རིམས་ནད་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ཐད་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན་ཞེས་བཤད།

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་བདེ་ཐང་གི་རྐྱེན་གྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས། ཟླ་འདིའི་ཚེས་བཅུ་དྲུག་ཉིན་འཇར་པན་གྱིས་གནས་སྐབས་རྒྱལ་ཚོགས་བསྡུས་ཏེ། དབུ་བཞུགས་བློན་ཆེན་གྱི་མིང་བཏོན་འདེམས་བསྐོ་བྱས། སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་གསར་པ་ཅན་དབྱི་ཝུའེ་འཇར་པན་གྱི་དབུ་བཞུགས་བློན་ཆེན་གོ་དགུ་པར་བདེ་བླག་ངང་བདམས་ཐོན་བྱུང་བར་མ་ཟད། ནང་བློན་ཁང་གསར་པ་བཙུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།