ཨུ་རུ་སི་ཡིས་ཨ་མེ་རི་ཁ་ཕྱོགས་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་སྐྱོན་འཛུགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་སྐྱོན་འཛུགས་བྱས་པ་དང་། ཨ་མེ་རི་ཁའི་བྱེད་ཐབས་དེར་བཅའ་ཁྲིམས་ཀྱི་བྱེད་ནུས་མེད་པའི་ཚུལ་བསྟན། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་ཁྱབ་སྒྲོག་བྱས་པ་ནི་རང་སྣང་གི་འདོད་ཚུལ་ཅིག་ཡིན་པ་དང་། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ་མཚམས་འཇོག་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁསི་ཁྲིམས་འགལ་འདོད་བློ་དང་བྱ་སྤྱོད་དེས་རྒྱལ་ཁབ་གཞན་པ་དང་དབྱི་ལིང་གི་ཁྲིམས་མཐུན་མཉམ་ལས་ལ་བཀག་འགོག་བྱེད་ཐབས་མེད་ཟེར། 

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དངོས་འབེབ་བྱེད་པར་སྲུང་སྐྱོབ་དང་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་འགྱུར་མི་སྲིད་ཟེར། ཨུ་རུ་སི་ཡིས་ཨ་མེ་རི་ཁས་གནས་བབ་ཛ་དྲག་ཏུ་གཏོང་མི་རུང་བ་དང་། མྱུར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་གོང་གི་གྲོས་ཆོད་ལ་གཏོར་བརླག་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།