ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱ་རུ་དམག་ཤུགས་ཁ་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་རྐང་དམག་འཐབ་འཁོར་དང་ལེ་ཏཱའི་མ་ལག་བཀོད་སྒྲིག་བྱས་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཀྲུང་དབྱང་དམག་སྤྱི་ཁང་གི་མགྲིན་ཚབ་པ་ཨིག་པིན་གྱིས་ཉིན་དེར་གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་ལེ་ཏཱའི་མ་ལག་དང་རྐང་དམག་འཐབ་འཁོར་བཀོད་སྒྲིག་བྱས་པར་མ་ཟད། ཨ་མེ་རི་ཁའི་དམག་དོན་གནམ་གྲུའི་བར་སྣང་གི་སྐོར་གཡེང་ཐེངས་གྲངས་ཇེ་མང་དུ་བཏང་སྟེ། ས་ཁོངས་དེའི་ཨ་མེ་རི་ཁའི་དམག་ཤུགས་ལ་ཤུགས་སྣོན་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེ་ལས་ཨ་མེ་རི་ཁས་ས་ཁུལ་དེར་རྒྱལ་སྤྱིའི་མནའ་འབྲེལ་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མངོན་པར་མཚོན་ཡོད་པ་དང་། ཐེ་གཏོགས་ཅི་ཡང་མི་ཐེབས་པའི་གནས་ཚུལ་འོག་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིར་བཀོད་སྒྲིག་བྱས་པ་ལ་རྐང་དམག་འཐབ་འཁོར་དྲུག་དང་དམག་མི་བརྒྱ་ཙམ་འདུས་ཟེར། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྟན་དོན། ཐེངས་འདིའི་དམག་དོན་བཀོད་སྒྲིག་ནི་ཨུ་རུ་སི་ལ་བཏང་བའི་བརྡ་རྟགས་གསལ་བོ་ཞིག་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་བར་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་གྲོས་མཐུན་བརྩི་སྲུང་བྱེད་པ་དང་། སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཆེད་ལས་མིན་པའི་དཀྲུག་འཕེན་བྱ་སྤྱོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།