ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ངེས་པར་དུ་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་ལག་བསྟར་བྱེད་དགོས་པའི་བསམ་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་བཀོད་ནས་ལོ་འཁོར་གཉིས་འགོར་བའི་སྐབས་སུ། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་ཁྲོད་བཀོད་པའི་གྲོས་མཐུན་དག་ངེས་པར་དུ་ལག་བསྟར་བྱེད་དགོས་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ལོ་གཉིས་ཀྱི་ཡར་སྔོན། ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་དང་ཞི་བདེའི་ཁྲའོ་ཞན་ཕྱེད་གླིང་འཛུགས་པ་མངོན་འགྱུར་བྱེད་རྒྱུའི་བསམ་ཚུལ་བསྟན། ཕྱོགས་གཉིས་ཀྱིས་དམག་དོན་ཁྱབ་ཁོངས་ནས་བྱེ་བྲག་ཏུ་ལག་བསྟར་བྱས་ཆོག་པའི་གྲོས་མཐུན་བཀོད་དེ། པན་མིན་ཏེན་གྱི་དྲག་ཆས་མེད་པར་གཏོང་བ་དང་དམག་དོན་མིན་པའི་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་གདུང་རུས་སྔོག་འདོན་བྱེད་པར་སྐུལ་འདེད་བཏང་། དེའི་རྗེས་སུ་ཧན་གོ་དང་ཁྲའོ་ཞན་བར་དྲག་ཆས་འཁྲུག་རྩོད་བྱུང་མྱོང་མེད་ལ། དེ་ནི་ཧ་ཅང་དཀོན་པའི་སྣང་ཚུལ་བཟང་བོ་ཞིག་རེད་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཚོད་འཛིན་གྱི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་དེ་མྱུར་མོར་ལག་བསྟར་བྱེད་ཐུབ་མེད་ཀྱང་། ཧན་གོའི་ཕྱོགས་ཀྱིས་ཞི་བདེ་རེ་བའི་སེམས་འདུན་གཏན་ནས་འགྱུར་མི་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།