ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་གྲོང་གསེབ་པུའུ་ཡིས་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ246འོས་སྦྱོར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས17ཉིན། ཞིང་ལས་གྲོང་གསེབ་པུའུ་ཡིས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སུ2020ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་འོས་སྦྱོར་གྱི་བྱ་འགུལ་སྤེལ་ཏེ། ཡུལ་དངོས་ནས2020ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ246འོས་སྦྱོར་བྱས།

བྱ་འགུལ་ལས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ཕྱོགས་ཡོངས་ནས་གཉེར་སྐྱོང་སླར་གསོ་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཡུལ་སྐོར་བའི་གྲངས་ཚད་ཇེ་མང་དུ་གཏོང་བ། ཁྱོན་ཡོངས་ནས་ཐོན་ལས་སྦྲེལ་མཐུད་བཅས་བྱས་ནས་འདུ་ཤེས་གསར་གཏོད་ལ་ཤུགས་སྣོན་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ལེགས་ལས་གྲྭ་གསར་གཏོད། ཞབས་ཞུའི་ཆུ་ཚད་མཐོརའདེགས་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

རྒྱུས་ལོན་པ་ལྟར་ན། ཞིང་ལས་གྲོང་གསེབ་པུའུ་ཡིས་ཐོན་ལས་ལ་སྣེ་ཁྲིད་དང་སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་ལྗོངས་མཛེས་པ། མི་ཆོས་འཆམ་མཐུན། ལས་གསར་དམངས་ཕྱུག་བཅས་ཀྱི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ1216འོས་སྦྱོར་བྱས་ཤིང་། དེ་དང་ཆབས་ཅིག་ཞིང་ལས་གྲོང་གསེབ་པུའུ་ཡིས་དུས་ཚིགས་དང་བརྗོད་གཞི་མི་འདྲ་བར་གཞིགས་ཏེ་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། རིམ་རྩིས་བྱས་ན་སྤུས་ལེགས་ཡུལ་སྐོར་ལམ་ཐིག1000བཏོན་ནས་ཐེངས་འདིའི་བྱ་འགུལ་ཀྱི་ཡུལ་དངོས་ནས་འགྲེམས་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།