ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅན་དབྱི་ཝུའེ་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་གདམ་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་དང་ལི་ཁི་ཆང་གིས་ཅན་དབྱི་ཝུའེ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅན་དབྱི་ཝུའེ་ལ་གློག་འཕྲིན་བཏང་ནས་ཁོང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་པར་བཀྲ་ཤིས་རྟེན་འབྲེལ་ཞུས།

  

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་ལ། ཨེ་ཤ་ཡ་དང་འཛམ་གླིང་ཐོག་གི་རྒྱལ་ཁབ་གལ་ཆེན་ཡིན་པ་མ་ཟད། ཡུན་རིང་བརྟན་ལྷིང་དང་མཛའ་མཐུན་མཉམ་ལས་བྱེད་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་བ་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཡང་ཕན་པ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་དང་རྩ་དོན་བཞིའི་ཐུན་མོང་གི་དགོངས་དོན་ལ་བརྩི་སྲུང་ནན་པོ་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཀྲུང་འཇར་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་བླ་མེད་འབུལ་དགོས་ཞེས་གསུངས་པ་རེད།

1126502025_16002559431981n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།