ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་རིའི་ཞིན་ཙེ་ཞི་མངའ་སྡེ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ཞིང་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཞིན་ཙེ་ཞི་མངའ་སྡེའི་ཞིན་པུའུ་ལུན་རུའེ་ཁེ་གྲོང་ཁྱེར་གྱི་སློབ་ཆེན་ཞིག་གི་ཉེ་འདབས་སུ་ཚེས13ཉིན་གྱི་ཐོ་རེངས་སུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ཞིང་། ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་སྐྱོན་ཕོག

 ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཚེས13ཉིན་གྱི་ཆུ་ཚོད1དང་སྐར་མ30ཡི་གཡས་གཡོན་དུ་བྱུང་བ་དང་ས་གནས་དེ་ལུའོ་ཀེ་སི་སློབ་ཆེན་དང་ཁྲོམ་གཞུང་གཉིས་ཀྱི་བར་ཐག་ལས་མེད་ལ། སློབ་གྲྭ་དེ་གའི་སློབ་མ་རྣམས་སློབ་གྲྭའི་ཕྱི་ནས་ཞག་སྡོད་བྱེད་པའི་ས་ཁུལ་ཡིན་པ་རེད། དོན་རྐྱེན་དེ་བྱུང་དུས་ས་དེ་རུ་འདུ་ཚོགས་ཤིག་ཚོགས་བཞིན་འདུག མེ་མདའ་བརྒྱབ་པའི་དོན་རྐྱེན་གྱིས་མི8ལ་རྨས་སྐྱོན་ཕོག་ཅིང་། དེའི་ཁྲོད་མི2སྨན་བཅོས་བྱས་ཀྱང་མ་ཕན་པར་ཤི་བ་རེད། མིག་སྔར་ལག་དམར་གྱི་ཐོབ་ཐང་མི་གསལ་བས་གྱོད་གཞིར་བརྟག་དཔྱད་བྱེད་བཞིན་བའི་སྒང་རེད།

ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་དོན། བརྟག་དཔྱད་བྱས་པ་བརྒྱུད་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ལུའོ་ཀེ་སི་སློབ་ཆེན་དང་དེ་མིན་སློབ་གྲྭ་དེའི་སློབ་མ་དང་འབྲེལ་བ་མེད་པ་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།