ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཀུང་ཁྲེང་རྫོང་གི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་ཚེག་གཅིག་གི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་གཉིས་ཉིན་གྱི་ཉིན་གུང་འཇར་པན་ཀུང་ཁྲེང་རྫོང་གི་ཉེ་འགྲམ་མཚོ་ཁོངས་སུ་ཚད་རིམ་དྲུག་དང་ཚེག་གཅིག་གི་ས་ཡོམ་བྱུང་ནས། འཇར་པན་བྱང་ཤར་གྱི་ས་ཁུལ་ཁག་ཏུ་ས་འགུལ་གྱི་ཡོམ་རླབས་ཆེན་པོ་བྱུང་། ས་ཡོམ་བྱུང་བ་ལས་མཚོ་འཕྱུར་མེད་པ་དང་། མིག་སྔར་ཐེངས་འདིའི་ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་དེ་བཞིན་རྒྱུ་ནོར་སོགས་ཀྱི་གྱོང་གུད་ཐེབས་པའི་སྙན་ཞུ་ཅི་ཡང་འབྱོར་མེད།

གནམ་གཤིས་བརྟག་དཔྱད་ཁང་གིས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ས་གནས་དེ་གའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཞེ་བཞིའི་སྟེང་ཀུང་ཁྲེང་རྫོང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་ཚེག་གཅིག་གི་ས་ཡོམ་བྱུང་བ་དང་།  ས་ཡོམ་མཆེད་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བཞི་བཅུ་ཡོད་པས། ཀུང་ཁྲེང་རྫོང་མཁར་དང་ཆིང་སེན། ཡན་ཧྲིག་སོགས་འཇར་པན་བྱང་ཤར་གྱི་རྫོང་ཁག་ཏུ་ཡོམ་ཚོར་ཆེན་པོ་བྱུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།