ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱིས་པ་རེན་དུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེ་མོ་བ་ཕྱིར་འཐེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ལེ་ཅི་ཡིས་ཚེས་བཅུ་གཅིག་ཉིན་པ་རེན་དུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་དེའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཕ་ལེ་སི་ཐན་གྱིས“དགོས་ངེས་ཀྱི་བྱ་ཐབས”ཇི་ལྟར་སྤྱད་དེ་པ་རེན་གྱི་མོས་མཐུན་དང་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་བྱ་རྒྱུའི་ཐད་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས།

ཕ་ལེ་སི་ཐན་གྱི་འགོ་ཁྲིད་རིམ་པས་དེ་ཉིན་གསལ་བསྒྲགས་སྤེལ་ནས། པ་ལེན་གྱིས་ཨ་མེ་རི་ཁའི“ཁས་མི་ལེན་པ་དང་རྒོལ་གཏམ་དྲག་པོ་གཏོང་བ”ཞེས་པའི་དབྱེན་སྦྱོར་འོག་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བཏང་བ་ཡིན་ཟེར།

ཅ་ཧྲ་ས་ཁུལ་དུ་འཁྲུག་ཆ་དོད་པའི་ཕ་ལེ་སི་ཐན་དབྱི་སི་ལམ་གྱི་འགོག་རྒོལ་ལས་འགུལ་དང་ཕ་ལེ་སི་ཐན་དབྱི་སི་ལམ་རྩ་འཛུགས་ཀྱིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུའི་ཐད་མོས་མཐུན་བྱས་པར་རྒོལ་གཏམ་བཏང་།

ཉིན་དེར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་གཞུང་ཕྱོགས་ཀྱི་སྤྱི་ཚོགས་འབྲེལ་བའི་གསར་ལམ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། དེ་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ཇེ་ལེགས་སུ་གཏོང་བའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པར་བརྟེན། ཕྱིས་འབྱུང་ཕ་ལེ་སི་ཐན་གྱི་གནད་དོན་དྲང་གཞག་ངང་ཐག་གཅོད་ཡོང་བའི་ཐད་རེ་ལྟོས་བྱེད་ཀྱིན་ཡོད་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།