ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡས་ཡང་བསྐྱར་རྒྱལ་ཡོངས་སུ་བཙན་གྱིས་ཁ་ཐུམ་རྒྱག་དགོས་པའི་གཏན་འབེབས་ནན་མོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡའི་སྲིད་གཞུང་གིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། པྲོ་གསར་གློ་ཚད་རིམས་ཀྱི་གནས་བབ་སླར་ཡང་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་སྟངས་ལ་དམིགས་ཏེ། ཚེས་བཅུ་བཞི་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཙན་གྱིས་ཁ་ཐུམ་རྒྱག་དགོས་པའི་གཏན་འབེབས་བྱས་ནས། རིམས་འགོག་བྱེད་ཐབས་སྔར་ལས་ཇེ་དམ་དུ་གཏོང་རྒྱུ་ཡིན་ཟེར།

ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚེ་ཡིས་ཉིན་དེར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཚེས་བཅུ་བཞི་ཉིན་གྱི་ནམ་ལངས་པ་ནས་བཟུང་། ཨོ་སི་ཁྲུ་རི་ཡའི་རྒྱལ་ཡོངས་སུ་ཚོང་ལས་དང་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་བྱ་ཡུལ་དང་། དེ་བཞིན་སྲིད་གཞུང་གི་ལས་ཁུངས་དང་སློབ་གྲྭ་སོགས་མི་མང་འདུ་འཛོམས་བྱ་ཡུལ་ཚང་མར་འགྲོ་སྐབས་ཅིས་ཀྱང་ཁ་ཐུམ་རྒྱག་དགོས་པ་གཏན་འབེབས་བྱས་པ་དང་མཉམ་དུ། བྱེད་སྒོ་སྣ་ཚོགས་ཀྱི་མི་གྲངས་ལ་ཚོད་འཛིན་ནན་མོ་བྱེད་པ་དང་།  འདུག་གནས་གཏན་འཁེལ་བྱས་མེད་པའི་ཁང་པའི་ནང་གི་བྱེད་སྒོ་མང་ཤོས་ལ་མི་ལྔ་བཅུ་ལས་མི་བརྒལ་བར་བྱེད་པ། ཁང་པ་གཅིག་པ་ཡིན་པའི་ཕྱིའི་བྱེད་སྒོ་སྤེལ་དུས་མི་བརྒྱ་ལས་མི་བརྒལ་བ། འདུག་གནས་གཏན་འཁེལ་བྱས་པའི་ཁང་པའི་ནང་གི་བྱེད་སྒོ་ཆེ་གྲས་སྤེལ་སྐབས་མི་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་མི་ཆོག་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།