ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིས2020ལོའི་ཀའོ་ཅཱ་སུའོ་འཐབ་ཇུས་བཀོད་འདོམས་དམག་སྦྱོང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུའུ་མེན་གྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིས་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་དྲུག་ཉིན་བར2020ལོའི་ཀའོ་ཅཱ་སུའོ་འཐབ་ཇུས་བཀོད་འདོམས་དམག་སྦྱོང་སྤེལ་རྒྱུ་ཡིན་ཟེར།

ཧྥུའུ་མེན་གྱིས་ཉིན་དེར་བསྡུས་པའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འཁྲབ་སྦྱོང་སྐབས་སུ་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་བདུན་གདན་འདྲེན་བྱས་ཡོད་པ་དང་། དེའི་ཁྲོད་སྐམ་ས་སྟེང་གི་འཁྲབ་སྦྱོང་ཐད་ནས་ཀྲུང་གོ་དང་ཡ་མེ་ཉི་ཡ། ཨུ་རུ་སི་དཀར་པོ། འབར་མ། ཕ་ཁི་སི་ཐན་བཅས་ཀྱི་དྲག་ཆས་སྟོབས་ཤུགས་གདན་ཞུ་བྱས་ཡོད་ལ། མཚོ་ཐོག་འཁྲབ་སྦྱོང་ཐད་ནས་ཨ་ཙི་པད་ཅང་དང་དབྱི་ལང་གི་དྲག་ཆས་སྟོབས་ཤུགས་གདན་འདྲེས་ཞུས་ཡོད་ཟེར།

ཧྥུའུ་མེན་གྱིས་བཤད་རྒྱུར། ཐེངས་འདིའི་འཁྲབ་སྦྱོང་དེ་དུས་རིམ་གཉིས་ལ་བགོས་ཡོད་པ་དང་། དུས་རིམ་དང་པོ་རུ། འཁྲབ་སྦྱོང་ཁྲོད་ཞུགས་པའི་དམག་དཔུང་གིས་ལད་ཟློས་གཡུལ་སའི་ཆ་རྐྱེན་འོག་ངོ་རྒོལ་འཁྲབ་སྦྱོང་བྱེད་རྒྱུ་ཡིན་པ་དང་། དུས་རིམ་གཉིས་པར་རྒྱལ་ཁབ་མང་པོའི་སྟོབས་ཤུགས་ཀྱིས་མཉམ་འབྲེལ་སྒོས་དམག་འཐབ་འགུལ་སྐྱོད་སྣ་མང་འཁྲབ་སྦྱོང་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།