ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས་བཅུ་གཅིག་ཉིན་པེར་ཀེ་རེ་ཏེར་བསྟན་དོན། སེར་ཝེ་ཡས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ནི་སེར་ཝེ་ཡའི་བློས་འགེལ་ཆོག་པའི་མཉམ་ལས་གྲོགས་པོ་ཡིན། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གློག་འཕྲིན་ཚུད་པའི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱ་རྒྱུ་ཡིན་ཟེར།

ཝུའུ་ཆི་ཆི་ཡིས་ཉིན་དེར་སེར་ཝེ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲེན་པའོ་ལ་མཇལ་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་བསམ་འཆར་བརྗེ་རེས་བྱས།

ཝུའུ་ཆི་ཆི་ཡིས་ཀྲུང་གོས་སེར་ཝེ་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། རྒྱལ་ཁབ་གཉིས་པོའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག སེར་ཝེ་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་ཟེར། ཝུའུ་ཆི་ཆི་ཡིས་ནན་གྱིས་བསྟན་དོན། སེར་ཝེ་ཡས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཀྲུང་གོ་ནི་སེར་ཝེ་ཡའི་བློས་འགེལ་ཆོག་པའི་མཉམ་ལས་གྲོགས་པོ་ཡིན་པས། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གློག་འཕྲིན་ཚུད་པའི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།