ཧྥེ་ལེ་པེན་གྱི་ལྷོ་ཕྱོགས་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚེས་དྲུག་ཉིན་གྱི་དགོང་མོར་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་། མིག་སྔར་ད་རུང་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཧྥེ་ལེ་པེན་གྱི་མེ་རི་དང་ས་འགུལ་ཞིབ་འཇུག་ཁང་གིས་ལྟ་ཞིབ་ཚད་འཇལ་བྱས་པ་ལྟར་ན། ས་འགུལ་དེ་ཚེས་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉེར་གསུམ་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་མེན་ལན་ལའོ་གླིང་ཕྲན་ལྷོ་སྣེ་ཡི་ཞི་ཏཱ་བོ་ཞིང་ཆེན་ཤར་ངོས་ཀྱི་སྤྱི་ལེ་ཉེར་དྲུག་ཡོད་པའི་མཚོ་ཁོངས་ཡིན་ལ། ས་འགུལ་དེའི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་ཞེ་གསུམ་ཡོད་པ་དང་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་རེད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བཅུ་དགུ་ལྷག་ཡོད་པ་དང་། ཚད་རིམ་དྲུག་དང་གྲངས་ཆུང་གསུམ་རེད་ཟེར། 

ཧྥེ་ལེ་པེན་གྱི་མེ་རི་དང་ས་འགུལ་ཞིབ་འཇུག་ཁང་གིས་བཤད་རྒྱུར། ཐེངས་འདིའི་ས་འགུལ་ལས་མ་འོངས་པར་ས་འགུལ་ཆུང་བ་འབྱུང་སྲིད་ཀྱང་། གཏོར་བརླག་རང་བཞིན་ལྡན་པའི་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།