ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་དམག་དཔུང་གིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་སུམ་བརྒྱ་དང་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་སྤེལ་བའི་སྟག་སྡེར་འགུལ་སྐྱོད་མཇུག་སྒྲིལ་བ་དང་། བསྡོམས་པས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་སུམ་བརྒྱ་དང་ཉི་ཤུ་བསད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཟླ་དྲུག་པ་ནས་བཟུང་དབྱི་རག་གབྱང་ཕྱོགས་ཀྱི་ཧཱ་ཧྥུའུ་ཐཱ་ཉིང་ས་ཁུལ་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་གཙང་ཕྱགས་འགུལ་སྐྱོད་སྤེལ། ཐུར་ཁེ་དམག་དཔུང་གིས་ཧཱ་ཧྥུའུ་ཐཱ་ཉིང་ས་ཁུལ་གྱི་ཉེན་ཡོལ་བྱེད་ས་དང་བྲག་ཕུག་སོགས་ལས་འགད་རྫས་དང་ས་འོག་འགད་རྫས། མེ་སྒྱོགས། མེ་ཤུགས་འཕུར་མདའི་གཏོང་འཕེན་ཡོ་བྱད། ལག་འབོམ། མི་བསྡད་མེད་པའི་གནམ་གྲུ་སོགས་བསྡུས་ནས་མེད་པར་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།