ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་ཡིས་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་དང་བརྙན་རིས་གྲོས་མོལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཚེས་བཞི་ཉིན་དུས་བཅད་ལྟར་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་དང་བརྙན་རིས་གྲོས་མོལ་བྱས། 

ཝང་དབྱེ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱ་རིམས་ནད་འགོག་སྲུང་གི་འགྲན་རྩོད་ལ་འཕྲད་ཡོད་པར་མ་ཟད། བཙན་དབང་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་མི་དམངས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་གྱི་ཕྱོགས་སུ་ལངས་ཡོད་པ་དང་། ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱིས་རིམས་འགོག་འཐབ་རྩོད་བྱེད་པ་དང་། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་རྒྱལ་ཁབ་བདག་དབང་དང་མི་རིགས་ལ་རྒྱ། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཝང་དབྱེ་ཡིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ནང་གི་གྲོས་མོལ་ལ་བརྟེན་ནས་མིག་སྔའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་བློ་གྲོས་ལྡན་པར་ཡིད་ཆེས་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་དོན་དེའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཟེར། 

ཨ་ལོས་ཡཱ་སཱ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱའི་ཕྱོགས་ཀྱིས་ཀྲུང་གོས་དུས་ཐོག་ཏུ་ཝེ་ནེ་ཙུའེ་ལཱ་རུ་སྨན་བཅོས་ཆེད་མཁས་ཚན་ཆུང་མངག་ནས་རིམས་འགོག་དངོས་རྫས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་གར་སྟེགས་སྟེང་ཝེ་ནེ་ཙུའེ་ལཱར་རྒྱབ་སྐྱོར་བྱས་པར་ཡང་བཀའ་དྲིན་ཞུ་བཞིན་ཡོད། ཝེ་ནེ་ཙུའེ་ལཱ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བཅོས་བསྒྱུར་འཕེལ་རིམ་ལ་ལེགས་འགྲུབ་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།