ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མནའ་འབྲེལ་གྱིས་ཞི་བདེའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་བར་བརྒལ་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མནའ་འབྲེལ་སུའུ་ཏན་གསར་བརྗེའི་ཐབས་ཕྱོགས་ཀྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས་ཞི་བདེའི་གྲོས་མཐུན་བཀོད་དེ། ཕྱོགས་སོ་སོའི་དུས་ཡུན་ལོ་ངོ་བཅུ་བདུན་རིང་གི་དགྲར་འཛིན་རྣམ་པ་མཇུག་སྒྲིལ་བར་བྱས། 

གྲོས་མཐུན་འགོད་པའི་མཛད་སྒོར་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱིས་མགོ་འཛིན་བྱས་པ་དང་། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་དང་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་མཛད་སྒོར་ཞུགས། གྲོས་མཐུན་གྱི་ནང་དོན་བདེ་འཇགས་དང་ས་ཞིང་གི་བདག་དབང་། དབང་ཤུགས་མཉམ་བགོ། དྲག་ཆས་པ་གཏོར་ནས་དྲག་ཆས་མི་སྣ་སྲིད་གཞུང་དམག་དཔུང་དུ་བསྡུ་ལེན་བྱེད་པ། འགྲོ་སའི་ཁྱིམ་གཞིས་མེད་པར་གྱུར་བའི་མི་རྣམས་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ནང་དོན་ལ་འབྲེལ་ཡོད། 

པུའུ་ཨར་ཧན་གྱིས་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཞི་བདེའི་གྲོས་མཐུན་དེས་སུའུ་ཏན་གྱི་ས་ཁུལ་སོ་སོར་ཞི་བདེ་དང་གཏན་འཇགས་ཐོབ་ཏུ་འཇུག་སྲིད་པ་དང་། སུའུ་ཏན་ལྷོ་མ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཞི་བདེ་མེད་ན་འཕེལ་རྒྱས་མངོན་འགྱུར་བྱེད་ཐབས་མེད་པས། ངེས་པར་དུ་རྣམ་པ་གང་རུང་གི་འཁྲུག་རྩོད་མཚམས་འཇོག་དགོས་ཟེར། 

སུའུ་ཏན་གསར་བརྗེའི་འཐབ་ཕྱོགས་དེ་སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དང་ལྷོ་ཕྱོགས་ཀྱི་ནན་ཁི་ཨར་ཏའོ་ཧྥན་ཀྲིག ཆིན་ནེ་ལོ་ཧི་ཀྲིག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་གྲུབ་པ་རེད། དེའི་ནང་སུའུ་ཏན་བཅིངས་འགྲོལ་ལས་འགུལ་དང་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་ཞི་བདེའི་གྲོས་མཐུན་དེ་ནང་ཞུགས་པར་ཁས་ལེན་བྱས་མེད། 

ཅི་ཨར་གྱིས་ཉིན་དེར་བསྟན་དོན། དྲག་ཆས་ཕྱོགས་ཁག་དེ་གཉིས་ཞི་བདེའི་གྲོས་མཐུན་འགོད་པར་མ་ཞུགས་པ་ལས་འཁྲུག་རྩོད་གནད་དོན་སྔར་བཞིན་ཡོངས་སུ་ཐག་གཅོད་བྱས་མེད་པ་མཚོན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།