ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་འདེམ་ཤོག་འཕངས་ཏེ་ད་ལྟའི་ཙུང་ལི། མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་གྱི་མགོ་ཁྲིད་པ་ཀྲ་ཨེ་ཧྥུའུ་ཡིས་མིང་འདོན་བྱས་པའི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་འཛུགས་པར་ཆོག་མཆན་བཀོད། 

ཉིན་གཉིས་རིང་དཔྱད་གླེང་བྱས་པ་བརྒྱུད། མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་ཚེས་སུམ་ཅུ་ཉིན་འདེམ་ཤོག་རེ་གཉིས་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ང་གཅིག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཀྲ་ཨེ་ཧྥུའུ་ཡིས་མིང་འདོན་བྱས་ནས་གྲུབ་པའི་མཉམ་འབྲེལ་སྲིད་གཞུང་ལ་ཆོག་མཆན་བཀོད། མཉམ་འབྲེལ་སྲིད་གཞུང་ལ་ཙུང་ལི་གཞོན་པ་བཞི་དང་པུའུ་ཀྲང་བཅོ་ལྔ་འདུས། 

ཀྲ་ཨེ་ཧྥུའུ་ཡིས་གྲོས་ཁང་གི་འདེམ་ཤོག་མ་ཕངས་གོང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཱ་ཆི་ཏོན་བྱང་མས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་ཆོག་མཆན་བཀོད་ཡོད་པས། སྲིད་གཞུང་གསར་བས་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་དང་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཞོར་དུ་ཕྱི་དངུལ་ནང་འགུག་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།