ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། སུའུ་ཏན་བཅས་ཀྱིས་བསྐྱར་དར་རགས་ཆེན་ཅེས་པའི་ཐད་ནས་གྲོས་མཐུན་འཆར་ཟིན་འགོད་ཐུབ་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་དྲ་ཚིགས་ཀྱིས་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། སྐོར་ཐེངས་གསར་བའི་བསྐྱར་དར་རགས་ཆེན་ཞེས་པའི་གནད་དོན་དང་འབྲེལ་བའི་གྲོས་མོལ་ཁྲོད། ཨེ་ཅིབ་དང་ཨེ་ཙེ་ཨོ་ཕི་ཡཱ། སུའུ་ཏན་བཅས་ཕྱོགས་གསུམ་གྱིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་འཆར་ཟིན་འགོད་ཐུབ་མེད་ཟེར། 

ཨེ་ཅིབ་ཆུའི་ཐོན་ཁུངས་ལས་དོན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཕྱོགས་གསུམ་གྱིས་བཅའ་ཁྲིམས་དང་ལག་རྩལ་གྱི་གནད་དོན་གཙོ་བོར་དམིགས་ཤིང་། རང་རང་གི་ཇུས་གཞིར་གཞིགས་ཏེ་དུས་ཡུན་རིང་བོར་གྲོས་བསྡུར་བྱས། རྩོད་གཞིར་གྱུར་བའི་གནད་ཅུང་མང་བོ་ཡོད་པས་ཕྱོགས་གསུམ་གྱིས་མཇུག་མཐར་ཐུན་མོང་གི་ལྟ་ཚུལ་འགོད་ཐུབ་མེད་པར་མ་ཟད། དེའི་སྔོན་གྱི་འཆར་གཞི་ལྟར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལ་གཅིག་གྱུར་གྱི་གྲོས་མཐུན་འཆར་ཟིན་ཞིག་སྤྲོད་མ་ཐུབ། ཡིན་ཡང་ཕྱོགས་གསུམ་གྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་ནས་དུས་རིམ་རྗེས་མའི་གྲོས་མོལ་གྱི་རེ་འདུན་སྟོན་པར་ཡིད་འཐད་བྱུང་ཡོད་ཟེར། 

ཐེངས་འདིའི་གྲོས་ཚོགས་ཚེས་ཉེར་བརྒྱད་ཉིན་སྤེལ་བ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མས་མགོ་འཛིན་བྱས་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་བཅས་ལྟ་ཞིབ་པའི་ཚུལ་དུ་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།