ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་དགུ་བརྒྱ་ཉེར་གསུམ་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་དགུ་བརྒྱ་ཉེར་གསུམ་ལ་བསླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སོ་གསུམ་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གཅིག་ལྔ་བརྒྱ་གྱ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་ས་ཡ་བཞི་འབུམ་གཉིས་ཁྲི་དགུ་སྟོང་དགུ་དགུ་བརྒྱ་ཉེར་གསུམ་ལ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་གདང་ཉིས་བརྒྱ་རེ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་ཁྲི་གཉིས་སྟོང་བདུན་བདུན་བརྒྱ་སུམ་ཅུར་བསླེབ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།