ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱ་དང་ཉེར་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ཕྱོགས་ཀྱིས་ཉེ་སྔོན་ཐེངས་འགའི་དམག་དོན་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱ་དང་ཉེ་བརྒྱད་བསད་པ་དང་། དེའི་ནང་མཐོ་རིམ་བཀོད་འདོམ་དཔོན་པོ་བཅོ་ལྔ་འདུས་ཟེར། 

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ཟླ་བརྒྱད་པའི་ཚུན་ལ། དམག་ཕྱོགས་ཀྱིས་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཐེངས་མང་བོར་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པར་ཤུགས་སྣོན་བྱས། མིག་སྔར་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་པའི་ས་ཁུལ་གྱི་སྒྲིག་སྲོལ་སླར་གསོ་བྱུང་ཡོད་ཟེར། 

པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་བཙུགས་ནས་ལོ་བཅུ་ཕྲག་ལྷག་འགོར་ཡོད་ཅིང་། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་སུ་འགྲོ་འདུས་བྱེད་བཞིན་ཡོད་པར་མ་ཟད། ཉེ་འཁོར་གྱི་ཀྲ་ཏི་དང་ནེ་ཀྲིར། ཁཱ་མེ་ལུང་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།