ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་པུས་ཀིན་དང་གྲོས་མོལ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་ཉེན་བརྡ་བཏང་། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨུ་རུ་སི་དཀར་པོར་བཀག་སྡོམ་བྱེད་པ་དང་ཆབ་སྲིད་ཀྱི་གནོན་ཤུགས་བྱིན་ན་ཨུ་རུ་སི་དཀར་པོའི་རྒྱལ་ནང་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་འཕེལ་རིམ་འཛུགས་པར་གཏོར་བརླག་བྱེད་སྲིད་པས་དེ་མི་རུང་བ་ནན་བཤད་བྱས། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྣམ་པ་གང་རུང་ལ་བརྟེན་ནས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་ཉེན་བརྡ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཨུ་རུ་སི་དཀར་པོའི་གནས་བབ་ལ་ཉམས་ཉེན་བཟོ་འདོད་ཡོད་པ་བདེན་དཔང་བྱས་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ཚང་མས་ཨུ་རུ་སི་དཀར་པོའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱེད་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད། ཡིན་ཡང་ང་ཚོས་བལྟས་ན་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས། ཡོ་རོབ་གླིང་མནའ་འབྲེལ་དང་ཁྱིམ་མཚེས་རྒྱལ་ཁབ་གང་ཡིན་ཡང་། ཕྱི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་སྲིད་གཞུང་དང་མི་དམངས་ལ་གནོན་ཤུགས་སྟེར་མི་རུང་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་བལྟས་ན་ཅི་ཧཱ་ནོའུ་ཧྥུའུ་སི་ཁཱ་ཡཱ་ཡིས་མགོ་ཁྲིད་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་དང་ཨུ་རུ་སིའི་སྲིད་གཞུང་བར་གྲོས་མོལ་བྱེད་སྲིད་པར་བསམ་ཡོད། དོན་དེའི་ཐད་ནས་ང་ཚོས་ཨུ་རུ་སི་དཀར་པོ་རང་ཉིད་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་གྲོས་མོལ་ལ་སུ་ཞུགས་པ་ཐག་གཅོད་བྱེད་དུ་བཅུག་ན་དོན་སྙིང་གལ་ཆེན་ལྡན་པར་བསམ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།