ཨུ་རུ་སི་དང་སི་རི་ཡཱའི་དམག་དཔུང་གིས་སི་རི་ཡཱའི་དབུས་ཕྱོགས་ས་ཁུལ་ནས་དྲག་ཆས་ཉེས་ཅན་སུམ་བརྒྱ་དང་ཉེར་བདུན་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་སི་རི་ཡཱའི་མཁའ་དམག་གིས་ཉེ་བའི་གཟའ་འཁོར་གཅིག་གི་ནང་སི་རི་ཡཱའི་དབུས་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་འཇིགས་སྐུལ་ངོ་རྒོལ་བྱ་འགུལ་སྤེལ་ཏེ། དྲག་ཆས་མི་སྣ་སུམ་བརྒྱ་དང་ཉེར་བདུན་བསད་ཟེར། 

བསྒྲགས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར། ཨུ་རུ་སི་དང་སི་རི་ཡཱའི་མཁའ་དམག་གིས་མེ་སྒྱོགས་དམག་དཔུང་དང་དམིགས་བསལ་དམག་མིའི་རོགས་སྐྱོར་འོག་སི་རི་ཡཱའི་དབུས་ཕྱོགས་ཀྱི་བྱེ་ཁུལ་ནས་བསྡོམས་པས་དྲག་ཆས་མི་སྣང་སུམ་བརྒྱ་དང་ཉེར་བདུན་བསད་པ་དང་། སྦས་སྐོང་བྱེད་ས་བརྒྱ་དང་སོ་བཞི་དང་ལྟ་ཞིབ་བྱེད་ས་བཅུ་དུན། དངོས་རྫས་ཀྱི་མཛོད་ཁང་བདུན། ས་འོག་མཚོན་ཆའི་མཛོད་ཁང་ལྔ་བཅས་ལ་གཏོར་བཤིག་བཏང་། 

བསྒྲགས་པ་ལྟར་ན། ས་ཁུལ་དེའི་དྲག་ཆས་མི་སྣ་དེ་དག་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་རེད། 

ཨུ་རུ་སིའི་དམག་དཔུང་གི་རླངས་འཁོར་རུ་ཁག་ཅིག་ལ་ཚེས་བཅོ་བརྒྱད་ཉིན་སི་ར་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་ལམ་འགྲམ་གྱི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཨུ་རུ་སིའི་དམག་དཔུང་གི་མཐོ་རིམ་དམག་དཔོན་ཞིག་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་གཉིས་ལ་རྨས་ཕོག་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།