འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་ལྔ་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་ཞེ་གསུམ་ལ་བསླེབ་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་ལྔ་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་ཞེ་གསུམ་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཞེ་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་སྟོང་དྲུག་སུམ་བརྒྱ་གྱ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་ལྔ་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་ཞེ་གསུམ་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་ང་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་ཁྲི་གཅིག་བཞི་བརྒྱ་གོ་གཉིས་ལ་བསླེབ་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།