ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ་ཡིས་ཨུ་རུ་སིའི་ཕྱོགས་ཀྱིས་སྐོར་ཐེངས་གཉིས་པའིS-400རྟགས་ཅན་གྱི་འགོག་སྲུང་མ་ལག་ཕྱིར་འཚོང་བྱེད་པའི་གན་རྒྱ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་ཐོན་རྫས་ཕྱིར་གཏོང་ཀུང་ཟིའི་སྤྱི་གཉེར་བ་མུས་ཧི་ཡེ་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་སྐོར་ཐེངས་གཉིས་པའིS-400རྟགས་ཅན་གྱི་འགོག་སྲུང་མ་ལག་ཕྱིར་འཚོང་བྱེད་པའི་གན་རྒྱ་བཀོད་ཡོད་ཟེར། 

མུས་ཧི་ཡེ་ཧྥུའུ་ཨུ་རུ་སི་ཡིས་སྤེལ་བའི་ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ལ་ཞུགས་སྐབས་བཤད་རྒྱུར། གན་རྒྱ་བཀོད་ཡོད་པ་དང་། ང་ཚོས་མིག་སྔར་མཉམ་ལས་གྲོགས་པོའི་བར་གན་རྒྱའི་རྩིས་སྤྲོད་རྣམ་པར་གྲོས་བསྡུར་བྱེད་བཞིན་ཡོད་ལ། གན་རྒྱ་ལག་བསྟར་བྱེད་པའི་དུས་ཚོད་དེ་ཐུར་ཁེ་ཕྱོགས་ཀྱིས་ནམ་ཞིག་ལ་རྩིས་སྤྲོད་ཀྱི་ལས་རིམ་གནད་དོན་ཐག་གཅོད་བྱེད་པར་རག་ལས་ཡོད་ཟེར། 

ཐུར་ཁེ་ཡིས་ཉིས་སྟོང་བཅུ་བདུན་ལོར་ཨུ་རུ་སིའི་བར་མ་དངུལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ཡིན་པའི་གན་རྒྱ་བཀོད་དེ། སྐོར་ཐེངས་དང་པོའིS-400རྟགས་ཅན་གྱི་འགོག་སྲུང་མ་ལག་ཉོས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཉིས་སྟོང་བཅུ་དགུའི་ཉིན་རྩིས་སྤྲོད་བྱས་པ་རེད། 

ཐུར་ཁེ་ནི་བྱང་ཆིངས་རྩ་འཛུགས་སྤྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེ་ཡིས་ཨུ་རུ་སིས་བཟོས་པའི་འགོག་སྲུང་མ་ལག་ཉོ་བསྡུ་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱི་མཁའ་སྲུང་མ་ལག་དང་གཅིག་འདྲེས་བྱེད་ཐབས་མེད་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱི་ཨ་མེ་རི་ཁ་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་མཉམ་ལས་བྱས་ཏེ་ཞིབ་འཇུག་བཟོ་སྐྲུན་བྱས་པའིF-35རྟགས་ཅན་གྱི་ཡིབ་ནུས་ལྡན་པའི་འཐབ་འཛིང་གནམ་གྲུར་ཕན་ཐོགས་ཡོད་ངེས་རེད་ཟེར། 

ཐུར་ཁེ་ཡིསS-400རྟགས་ཅན་གྱི་མཁའ་སྲུང་མ་ལག་ཉོ་བསྡུ་བྱས་པར་དམིགས་ནས། ཨ་མེ་རི་ཁས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར་ཐུར་ཁེ་རྒྱལ་ཁབF-35རྟགས་ཅན་གྱི་ལས་གཞིའི་ནང་ཞུགས་པའི་ཐོབ་ཐང་མཚམས་འཇོག་ཏུ་བཅུག 

ཨུ་རུ་སིའི་ཙུང་ལི་གཞོན་པ་པའོ་ལི་སོ་ཧྥུའུ་དང་ཐུར་ཁེའི་རྒྱལ་སྲུང་བཟོ་ལས་ཅུའུ་ཡི་ཅུའུ་ཀྲང་ཏི་མུས་ཨར་གཉིས་ཀྱིས་ད་ལོའི་ཟླ་དྲུག་པར་སོ་སོར་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ་ཡིས་ཨུ་རུ་སི་ཡིས་ཡང་བསྐྱརS-400རྟགས་ཅན་གྱི་མཁའ་སྲུང་མ་ལག་ཕྱིར་འཚོང་བྱེད་པའི་གན་རྒྱ་འགོད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།