ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་གསུམ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་ལས་བརྒལ་ཏེ། བྱེ་བ་གཉིས་དང་ས་ཡ་གསུམ་ཁྲི་ལྔ་སྟོང་བདུན་ཉིས་བརྒྱ་གྱ་བརྒྱད་ལ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་འབུམ་བརྒྱད་ལས་བརྒལ་ནས་འབུམ་བརྒྱད་དང་དགུ་བརྒྱ་དྲུག་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཅུ་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བཞི་སྟོང་བཞི་ཉིས་བརྒྱ་ཉེར་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་གསུམ་ཁྲི་ལྔ་སྟོང་བདུན་ཉིས་བརྒྱ་གྱ་བརྒྱད་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་དོན་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་དགུ་བརྒྱ་དྲུག་ལ་བསླེབ་ཡོད། 

མིག་སྔར། ཨ་མེ་རི་ཁ་དང་པཱ་ཞི་ནི་འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་གཉིས་ཡིན་ཞིང་། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ནད་པ་ས་ཡ་ལྔ་དང་འབུམ་ལྔ་ཁྲི་དྲུག་སྟོང་བདུན་ཉིས་བརྒྱ་བཅུ་བདུན་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་རིམ་རྩིས་ཀྱིས་འབུམ་གཅིག་དང་ཁྲི་བདུན་སྟོང་བཞི་ཉིས་བརྒྱ་ཞེ་དྲུག་ཡིན། པཱ་ཞི་རུ་རིམ་རྩིས་ཀྱིས་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་སུམ་ཅུ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་རིམ་རྩིས་ཀྱིས་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་སུམ་བརྒྱ་ང་བརྒྱད་ལ་བསླེབ་ཡོད། དེ་ལས་གཞན་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་ལྔ་ལས་བརྒལ་བའི་རྒྱལ་ཁབ་ལ་ད་རུང་རྒྱ་གར་དང་། ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ། ཕེ་རུ། མའོ་ཞི་ཁོ། ཁོ་ལོམ་པུ་ཡཱ་བཅས་ཡོད་པ་དང་། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གསུམ་ལས་བརྒལ་བའི་རྒྱལ་ཁབ་ལ་མའོ་ཞི་ཁོ་དང་རྒྱ་གར། དབྱིན་ཇི། དབྱི་ཐཱ་ལེ། ཧྥ་རན་སི་བཅས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།